བྱེ་ཐང་གི་མེ་ཏོག
དེ་དགོང་ཕྱི་ལོག་ཏུ་ཁ་བ་ལྷབ་ལྷུབ་ཏུ་འབབ་པ་དང་མཉམ་དུ་རླུང་བུ་ཤུགས་ཆེན་ལྡིང་གིན་ཡོད་པ་མ་ཟད། གློག་འོད་ཀྱི་ཐད་དུ་ཁ་བའི་འདབ་མ་རེ་རེ་རླུང་བུས་འཕྲེད་དུ་འདེད་ཀྱིན་པ་མཐོང་གིན་འདུག  ང་རང་ནམ་་མཁར་་ལྟ་རྒྱུར་དགའ་བས།  ངའི་སྡོད་ས་དེ་ནི་ཆེད་དུ་ངའི་འདོད་པ་ལྟར་བཟོ་བསྐྲུན་བྱེད་པ་བཞིན་ཁང་བའི་མདུན་ཕྱོགས་ཡོད་ཚད་ཤེལ་གྱིས་གྲུབ་པས། ངས་ཚ་སོབ་སོབ་ཀྱི་ནང་ཁྱིམ་ནས་ཕྱི་ལོག་གི་གྲང་ངར་ཇི་འདྲའི་ཆེ་འང་བསམ་པའི་རྣམ་པ་དེར་ལྟ་བཞིན། ད་སོ་མ་ལྟས་མ་ཐག་པའི་གློག་བརྙན་དེ་དང་དེའི་ནང་གི་བུད་མེད་ཅིག་གི་ལོ་རྒྱུས་དེ་གླེང་བ་དེ་ཡིས་བཞག་པའི་སེམས་ཚོར་དང་རྒྱུད་རིམ་ཡིག་ཐོག་ཏུ་ཕབ་རྒྱུར་མགོ་བརྩམས་པ་ཡིན།
བྱེ་ཐང་གི་མེ་ཏོག་དང་དེའི་གློག་བརྙན་འཁྲབ་སྟོན་པ
གློག་བརྙན་དེའི་མིང་ལ་དབྱིན་ཇིའི་སྐད་ནང་དུ་ Desert Flowerདང་ངས་བོད་སྐད་ཀྱི་ནང་དུ་༼བྱེ་ཐང་གི་མེ་ཏོག༽་ཅེས་བསྒྱུར་འདོད་བྱུང་། རྒྱ་སྐད་དུ་沙漠之花ཞེས་བསྒྱུར་འདུག གློག་བརྙན་འདི་ནི་ཨ་ཧྥེ་རི་ཀའི་སོ་མ་ལིས་ཡའི་འབྲོག་ཁྱིམ་བུ་མོ་ཞིག་གི་མི་ཚེ་འགྱུར་ལྡོག་ཏེ། མི་རིགས་ནག་པོ་ཡིན་པའི་བུ་མོ་ལོ་ཆུང་ཞིག་བྱེ་ཐང་དུ་རྐང་རྗེན་གྱིས་ཉིན་ཞག་གྲངས་མེད་ལ་བྲོས་བྱོལ་གྱིས། མི་རིགས་ཀྱི་གཉེན་སྒྲིག་སྲོལ་རྒྱུན་གོམས་གཤིས་དེ་ལས་བཅིངས་གྲོལ་ཐོབ་ཅིང་། མཐར་ཕྱི་རྒྱལ་དུ་འབྱོར་ཏེ་ཁྱིམ་མེད་འཁྱམས་ཉུལ་དང་གད་སྙིགས་སྒྲིག་པའི་ལས་ཀ་བྱེད་ཀྱིན་འཚོ་བ་སྐྱེལ།
གློ་བུར་བའི་གོ་སྐབས་ཤིག་གིས་ དབྱིན་ལན་གྱི་པར་པ་དང་གློག་བརྙན་འཁྲབ་ཁྲིད་པ་སྐད་གྲགས་ཅན་ Terence Donovan ཡིས་གཟུགས་རིང་ཤིང་དྭངས་གཙང་ལྷད་མེད་ཀྱི་མིག་ཟུང་། སྐྱེས་གཟུགས་དང་ལང་ཚོ་ལྡན་པའི་འབྲོག་མོ་འདི་མགྱོགས་ཟས་ McDonaldབཟའ་ས་ཞིག་ཏུ་གད་སྙིགས་སྒྲིག་མཁན་བྱེད་ཀྱིན་པའི་སྐབས་ཐོག་མ་མཐོང་ཞིང་།  དེའི་རྗེས་སྐད་གྲགས་ཅན་གྱི་པར་བ་དེའི་པར་ཆས་ཀྱི་འོག་ནས་བུ་མོ་འདི་རྒྱལ་སྤྱིའི་གཟུགས་མཛེས་གྱོན་གོས་འཁྲབ་སྟོན་པར་གྱུར། ཡང་སྤྱི་ལོ་༡༩༨༧ལོ་སྟེ་བྱེ་ཐང་གི་མེ་ཏོག་འདི་ལོ་ན་༢༢སྐབས་སུ་གློག་བརྙན་བཟོ་བསྐྲུན་པ་James Bondཡི་གློག་བརྙན་The Living Daylightsའམ་ཉི་འོག་གི་འཚོ་བ་ཞེས་པའི་ནང་གི་གཙོ་འཁྲབ་མི་སྣར་གྱུར་ཞིང་། རྒྱལ་སྤྱིའི་ནང་གི་བུད་མེད་ཀྱི་དུས་དེབ་རྫོགས་མཐའ་མེད་པའི་རྒྱབ་ཤའི་པར་བཀོད་ཀྱི་ཚབ་མཚོན་མི་སྣ་ལ་ཡང་གྱུར།  རྒྱུད་རིམ་དེའི་ཁྲོད་ནས་འབྲོག་མོ་འདི་ཡིས་རང་ཉིད་ཀྱི་མཚན་མ་དང་ནུབ་གླིང་གི་བུད་མེད་ཀྱི་མཚན་མ་གཅིག་མཚུངས་མིན་པའི་ངེས་ཤེས་བྱུང་ཞིང་། གཞི་ནས་སོ་མ་ལིས་ཡའི་མི་རིགས་ཀྱི་སྲོལ་རྒྱུན་ཁྲོད་དུ་བུད་མེད་ཕལ་ཆེ་ཤོས་བྱིས་པའི་དུས་ནས་མཚན་མ་བཙེམས་འབྲེག་གི་དམར་ལས་བྱེད་རྗེས་གཉེན་སྒྲིག་གི་ཉིན་མོ་གཞི་ནས་རང་གི་སྐྱེས་པ་དེ་ཡིས་མཚན་མ་དམར་བཤག་བྱེད་པའི་ལུགས་སྲོལ་ཞིག་ཡོད་པ་དེ་ཡིས། བུད་མེད་མང་པོ་ཞིག་གིས་བྱིས་པའི་དུས་ནས་ནད་རིགས་དང་འཆི་བ་སོགས་གནད་དོན་འདྲ་མིན་ལ་གདོང་ལེན་བྱ་དགོས་ཆགས་ཀྱིན་ཡོད་པ་དེར་ངོ་རྒོལ་བྱ་རྒྱུའི་བསམ་བློ་འཁོར་ཞིང་། ཕྱིས་སུ་འབྲོག་མོ་འདི་ཡིས་རང་ཉིད་ཀྱི་གཟུགས་མཛེས་གྱོན་གོས་འཁྲབ་སྟོན་གྱི་གོ་སྐབས་བེད་སྤྱོད་ཀྱིས་གསར་ཁང་ཞིག་གི་དྲི་བ་དང་ལེན་བྱེད་དེ། སོ་མ་ལིས་ཡའི་བུད་མེད་ཀྱི་གནས་སྟངས་ངོ་སྤྲོད་བྱེད་སྐབས། རྒྱལ་སྤྱིའི་གསར་ཁང་ཕལ་ཆེ་ཤོས་ཀྱིས་གླེང་གཞི་ཆེ་ཤོས་སུ་གྱུར་ཞིང་།   འཛམ་གླིང་ཧྲིལ་བོར་ཧད་དེ་སྡོད་དགོས་པར་བཟོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་འབྲོག་མོ་འདི་མཚན་མ་བཙེམས་འབྲེག་གི་གོམས་གཤིས་མཚམས་འཇོག་པའི་ལས་དོན་ཐད་ཀྱི་སྐུ་ཚབ་ཏུ་བསྐོས་པ་མ་ཟད།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་ལ་ལེའུ་གསར་བ་ཞིག་གི་སྒོ་ཕྱེ་སོང་བའི་ཨ་ཧྥེ་རི་ཀའི་འབྲོག་མོ་ཞིག་གིས་ཇི་ལྟར་རྒྱལ་ཁར་བསྐྱོད་པའི་དངོས་བྱུང་གློག་བརྙན་ཞིག་རེད་འདུག
ཡང་གློག་བརྙན་དེའི་ཁྲོད་དུ་འབྲོག་མོ་འདི་ཡིས་གྲོང་ཁྱེར་ནས་འགྲོ་སྟངས་འདུག་སྟངས་མ་ཤེས་པའི་གནས་ཚུལ་དང་། ཡིག་ཆ་རྫུན་མ་དང་སྐྱབས་བཅོལ་བའི་ཡིག་ཆ་འགྲིག་མིན་ཐོག་ནས་བཀག་ཉར་ཁང་དུ་བཅུག་པ།  ཕོ་མོའི་བར་གྱི་འབྲེལ་ལམ་ཐད་ནས་རང་ཉིད་བུད་མེད་གཞན་དང་གཅིག་མཚུངས་མིན་པས་སྐྱེས་པ་དང་འབྲེལ་ལམ་བྱུང་བར་ཞེད་སྣང་སྐྱེས་པ། མི་དང་སྤྱི་ཚོགས་འདྲ་མིན་མ་མཐོང་བའི་ས་ནས་འབྲོག་མོའི་གཤིས་ཀ་དང་མི་གཞི་དྲང་བའི་མཚོན་དོན་སོགས་གློག་བརྙན་དེ་མཇུག་རྫོགས་སྐབས། འབྲོག་མོ་འདི་ཡིས་སྔོན་ཆད་རང་ཉིད་ཀྱི་མཚན་མ་བཙེམས་ཡོད་སྐབས་མོ་ལ་དུང་ཞེན་གྱི་མིག་ཟུང་འཕེན་མཁན་མི་རིགས་ནག་པོའི་ཕོ་གསར་ཞིག་དེ་བཙལ་བ་དང་། ཡང་མོ་རང་ཁྱིམ་མེད་པར་སྲང་ལམ་དུ་ཉལ་གྱིན་པའི་སྐབས་སུ་དབྱིན་ཇིའི་བུ་མོ་ཞིག་གིས་གནས་ཚང་གཡར་བ་དེ་དང་བསྐྱར་དུ་མཇལ་བ་སོགས་མི་གཞིའི་བརྩེ་སེམས་དང་ཁྲེལ་ཡོད་ཀྱི་རིན་ཐང་མངོན་པ་སོགས་གློག་བརྙན་ཧྲིལ་བོ་ནི་དེ་འདྲའི་ཡིད་འགུལ་ཐེབས་པ་ཤ་སྟག་རེད་འདུག
གློག་བརྙན་འདིར་ལྟོས་རྗེས་ངས་རང་དབང་མེད་པར་གློག་བརྙན་འདིའི་རྒྱབ་ལྗོངས་དང་འབྲེལ་བའི་ཡིག་ཆ་ཁག་བསྔོགས་ཤིང་། ངས་བྱེ་ཐང་གི་མེ་ཏོག་འདི་དོན་དངོས་སུ་ཡིན་མིན་རྩད་གཅོད་བྱ་འདོད་བྱུང་།
 བྱེ་ཐང་གི་མེ་ཏོག་ཅེས་པ་འདི་ཐོག་མར་སྤྱི་ལོ་༡༩༩༨ལོར་ཨ་ཧྥེ་རི་ཀའི་སོ་མ་ལིས་ཡའི་འབྲོག་མོ་Waris Dirieཡིས་རང་གི་མི་ཚེ་བརྗོད་པའི་དེབ་དེའི་མིང་ཡིན་པ་དང་འབྲོག་མོ་Waris Dirieཡིས་རང་གི་མི་ཚེ་བྱུང་བ་བརྗོད་པའི་དེབ་འདི་ཐོག་མར་འགྲེམས་སྤེལ་བྱེད་འདུག དེའི་རྗེས་སྤྱི་ལོ་༢༠༠༩ལོར་བྱེ་ཐང་གི་མེ་ཏོག་ཅེས་པའི་དེབ་ཀྱི་ནང་དོན་དང་དེབ་ཀྱི་མིང་གཅིག་མཚུངས་ལྟར་གློག་བརྙན་དུ་ཕབ་པ་ཞིག་རེད་འདུག 
waris Derieཡི་མི་ཚེ་བྱུང་བ་བརྗོད་པའི་བྱེ་ཐང་གི་མེ་ཏོག་ཅེས་པའི་དེབ་ཀྱི་རྒྱབ་ཤ་དང་waris Derie མོ་རང་ཉིད། བྱེ་ཐང་གི་མེ་ཏོག་ནི་དོན་དངོས་སུ་སོ་མ་ལིས་ཡའི་འབྲོག་མོ་Waris Dirieལོ་རྒྱུས་ཡིན་པ་དང་་ད་ལོ་Waris Dirieརང་ལོ་བཞི་བཅུ་ཞེ་བདུན་ཡིན་པ་དང་། མོ་ཐོག་མར་སྤྱི་ལོ་༡༩༦༥ལོར་སོ་མ་ལིས་ཡའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། མོ་རང་སྐྱེས་རྗེས་ལུགས་སྲོལ་ལྟར་དུ་བུ་མོ་སྐྱེས་ཚེ་བུ་མོའི་མཚན་མ་དེ་བཙེམས་འབྲེག་གི་དམར་ལས་བྱེད་སྲོལ་ཡོད་པ་ལྟར་waris Dirieལ་ཡང་དེ་ལྟར་བཟོས། དམར་ལས་འདིའི་ཁྲོད་དུ་བྱིས་པ་བུ་མོ་མང་པོ་འཆི་བ་དང་ཡང་ན་ནད་རིགས་འདྲ་མིན་སླེབས་ཏེ་གཅོང་ནད་དུ་འགྱུར་གྱིན་པ་ཡང་ཡོད་འདུག དཔེར་ན་waris Dirieཡིས་ཕ་མ་གཅིག་པའི་སྤུན་མཆེད་བུ་མོ་གཅིག་དམར་ལས་བྱེད་སྐབས་འདས་གྲོངས་སུ་ཕྱིན་འདུག  ཡང་བུད་མེད་ཚོའི་གཉེན་སྒྲིག་གི་ཐད་ནས་ཀྱང་སྲོལ་རྒྱུན་ལྟར་སྐྱེས་པ་གཅིག་གིས་བུད་མེད་ཁ་ཤས་གནའ་མར་ལེན་ཆོག་པ་དང་། སྐྱེས་པ་ལོ་ན་རྒན་པ་ཚོས་ཆུང་མ་བུ་མོ་ཆུང་ཆུང་ཨང་གྲངས་དྲུག་པ་དང་བདུན་པ་སོགས་ལེན་སྲོལ་ཡོད་འདུག  དེའི་རྐྱེན་གྱིས་མོ་རང་ལོ་ན་བཅུ་གསུམ་གྱི་སྐབས་སུ་མོའི་ཕ་མ་གཉིས་ཀྱིས་མོ་རང་ཡང་། ཆུང་མ་ཁ་ཤས་ཡོད་པའི་སྐྱེས་པ་རྒན་པ་ཞིག་ལ་གནའ་མ་སྤྲད་ཅིང་། སང་ཉིན་གཉེན་སྟོན་བྱེད་དགོས་པའི་སྐབས་སུ། ཉིན་ཞག་གྲངས་མེད་ལ་མི་མེད་བྱེ་ཐང་བརྒལ་ཏེ་བྲོས་བྱོལ་དུ་ཡོང་བའི་བ་དང་།   སོ་མ་ལིས་ཡའི་བྱེ་ཐང་གི་འབྲོག་མོ་འདི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་པ་གྱུར་བའི་རྗེས་ཏེ། ཁོ་མོ་ལོ་ན་༣༢ལ་སོན་སྐབས་དེ་བསྐྱར་དུ་རང་ཉིད་སྐྱེས་སར་ཕེབས་ཏེ་རང་གི་ཨ་མ་དང་ནང་མི་ལ་ཐུག་འཕྲད་བྱེད་ཡོད་འདུག  
འབྲོག་མོ་Waris Dirieནི་བྱེ་ཐང་གི་མེ་ཏོག་རེད་འདུག ད་ལྟ་ཁོ་མོ་ནི་དེབ་གྲངས་ཁ་ཤས་ཕུད་ཚར་ཞིང་འཛམ་གླིང་གི་བུད་མེད་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སོགས་ཀྱི་རྟགས་མ་གྲངས་ལས་འདས་པ་ཐོབ་ཚར་བ་མ་ཟད། ཡང་གྱོན་གོས་འཁྲབ་སྟོན་གྱི་གར་སྟེགས་སྒང་དུ་ནམ་ཡང་ནུབ་པར་མི་འགྱུར་བའི་ཨ་ཧྥེ་རི་ཀའི་མེ་ཏོག་རྐང་ཅིག་ཆགས་ཡོད་འདུག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོབ་པའི་དམིགས་བསལ་སྐུ་ཚབ་ཀྱང་རེད་འདུག  
གློག་བརྙན་འདིར་ལྟ་བཞིན་པའི་སྐབས་སུ། ང་ལ་ཚོར་བ་ཤུགས་ཆེ་ཤོས་བྱུང་ས་ནི། དགོང་མོ་དེ་སྤྲ་གུར་ནང་ནས་ལོ་ན་བཅུ་གསུམ་ཅན་གྱི་བུ་མོ་ཞིག་མཚན་མོའི་ལྷིང་འཇགས་དཀྲོགས་ནས་རྒྱང་དུ་གོམ་བགྲོད་བྱེད་སྐབས། དྲིན་ཆེན་གྱི་མ་ལོས་བུ་མོ་རྒྱང་དུ་འབྲོ་བའི་གོམ་སྒྲ་གོ་ཡང་ཁ་རག་གེར་མིག་ཟུང་མཆི་མས་སྒྲུབ་ཞོར་རྒྱང་རིང་རྒྱང་རིང་ལ་ཡལ་གྱིན་པའི་བུ་མོའི་གོམ་སྒྲར་ཉན་ཏེ་བསྡད་པའི་ངང་ཚུལ་དང་། མི་མེད་བྱེ་ཐང་ནས་ལྟོགས་སྐོམ་གྱིས་མནར་ཤིང་ས་དང་ཤིང་ལོ་ཁ་ཟས་བྱེད་པའི་རྣམ་པ། ཉིན་ཞག་གྲངས་མེད་ལ་བྱེ་ཐང་དང་རྡོ་ཧྲུག་མོད་པའི་ས་ཆར་རྐང་ཐང་གིས་སོང་བས། རྐང་བའི་ངོས་དང་འཛུབ་མོའི་བར་དུ་ཁྲག་དང་རྨ་ཁས་ཁེངས་པ། མི་མེད་ལུང་སྟོང་དུ་མཚན་མོའི་ནམ་མཁར་ལྟ་ཞོར་གསལ་ཆ་མེད་པའི་མ་འོངས་འཚོ་བ་ལ་བསམ་གཞིགས་བྱེད་པ། དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཁྱིམ་མེད་སྲང་ལམ་གྱི་འཚོ་བ་སྐྱེལ་བའི་རྣམ་པ། མེག་ཁི་ཌོ་ནར་གྱི་ཟ་ཁང་དུ་གཞན་གྱིས་ཟ་འཕྲོར་ལུས་པའི་ཟས་ལྷག་རྣམས་རང་གི་རུམ་དུ་བཅུག་པའི་རྣམ་པ། གཞན་གྱི་མཐོང་ཆུང་དང་སྣང་ཆུང་གི་མིག་ཟུང་ལས་གཡོལ་བའི་ངང་ཚུལ། ཕྱིས་སུ་པར་པ་སྐད་གྲགས་ཅན་དེའི་སྐད་ཆ་དང་འཚོ་བ་འོད་སྟོང་ལྡན་པ་ཞིག་ཡོད་པར་ཡིད་ཆེས་མ་བྱེད་པའི་འགལ་འདུའི་བསམ་བློ། པར་ཆས་ཀྱི་འོག་ཏུ་རྨ་ཁས་ཁེངས་པའི་རྐང་པ་དེ་རྟིང་ཀ་མཐོ་བའི་ལྷམ་ལ་མ་རན་པའི་ཚོར་སྣང་སྐྱེས་པ། སྦྱོང་བརྡར་དང་ལས་སྣོད་མེད་པའི་སྐྱི་ལྤགས་དང་སྐྱེས་གཟུགས་ལ་གཞན་གྱི་ཡི་རངས་བྱེད་པར་ཡིད་ཆེས་མེད་པའི་རྣམ་པ།   དབྱིན་ལན་དུ་འཚོ་བ་སྐྱེལ་བར་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་བཀག་ཉར་ཁང་དུ་བཅུག་པ   རང་ཉིད་དང་བུད་མེད་གཞན་གྱི་མཚན་མ་གཅིག་མཚུངས་མིན་པས་སྣང་བ་འགྲོ་བའི་ཕོ་གསར་དེ་ལ་འདོད་ཞེན་སྟོན་མ་ཐུབ་པ། ཕ་མ་དང་ནང་མིར་ཡུན་རིང་མ་འཕྲད་པའི་དྲན་གདུང་གི་སེམས་པ། ཧམ་སེམས་མེད་ཅིང་ཆོག་ཤེས་བྱེད་པའི་མིའི་ཀུན་
སྤྱོད་ཀྱི་རིན་ཐང་སོགས་གློག་བརྙན་འདི་ཡིས་ང་ལ་བསམ་གཞིགས་གང་མང་སྤྲད་ཅིང་ཚོར་སྣང་ཟབ་མོ་ཞིག་སྦྱིན་བྱུང་།  དེ་བས་ངའི་རྩོམ་ཡིག་འདི་ཀློག་མཁན་ཁྱེད་ཀྱིས་ཀྱང་ངེས་པར་དུ་བྱེ་ཐང་གི་མེ་ཏོག་ལ་ཐེངས་གཅིག་མྱོང་རོལ་བྱ་རོགས།

51 responses to “བྱེ་ཐང་གི་མེ་ཏོག”

  1. ཀླུ་སྨྱོན། Avatar
    ཀླུ་སྨྱོན།

    མགྲོན་པོ་ཐོག་མ་ཞིག་གི་ཚུལ་དུ་ཡོང་ནས་ཚིག་གཅིག་ཀྱང་མ་སྨྲས་པར་བུད་སོང་།

    1. Tsering kyi Avatar

      མགྲོན་པོ་ཐོག་མ་ཁྱེད་ཀྱིས་ངའི་ངོ་དེབ་སྟེང་དུ་ཧ་ལས་སོང་བ་ལྟ་བུའི་ཚིག་ཅིག་བྲིས་འདུག་མོད། བླ་རྒན་དེ་ལྟར་ལས་སླ་བོ་བླ་འཁྱམས་མི་ཉན་ཡ། ཁྱེད་ང་ཡི་ཁྱིམ་གཞི་འདིའི་སྐུ་མགྲོན་ཐོག་མརཕེབས་པར་དགའ་བསུ་ཡོད།

  2. མང་ཐོས། Avatar

    དྲ་ཚིགས་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུ།

    1. Tsering kyi Avatar

      བཀའ་དྲིན་ཆེ། ཡང་ཡང་ཕེབས་པར་རྟེན་འབྲེལ་ཞུ

  3. tenzin Avatar
    tenzin

    དཔེ་ཡག་པོ་བྲིས་བཞག གཞིས་ཆགས་ཀྱི་སྐད་ནང་ ཧོན་ཐོར་ཡག་པོ་ཟེར་བ་ལྟ་བུ་རེད་བཞག ངེས་པར་དུ་བལྟ་གི་ཡིན།

    1. Tsering kyi Avatar

      ཡ་ཡ

  4. ajam Avatar
    ajam

    རྩོམ་འདིས་ཚོར་བ་དངོས་གནས་སྤྲད་སོང་། ངས་ད་ལྟ་བུད་མེད་དང་འབྲེལ་བའི་དེབ་མང་པོ་ཞིག་ཀློག་བཞིན་པ་དང་དཀྱུས་གཅིག་ཏུ་འཁེལ་སོང་།

    1. Tsering kyi Avatar

      ཨ་འཇམ་ལགས། ངའི་གཞིས་ཁྱིམ་དུ་ཕ་གཞིས་ཁོ་ན་ནས་རྙེད་ཐུབ་པའི་དྲོད་ཁོལ་དེ་ཡོད་པས། ཡང་ཡང་ཕེབས་ཤོག

  5. flower Avatar
    flower

    __________@@@@@@
    _________@________@________@@@@@@
    ________@___________@_____@_________@
    ________@_____________@@@__________@
    _________@___________________________@
    __________@_______@@@@@___________@
    ___@@@@@@____@@@@@@@_________@
    __@_____________@@@@@@@_________@
    _@_____________@@@@@@@@_______@
    _@_____________@@@@@@@@_____@
    _@_____________@@@@@@@______@
    ___@____________@@@@@_________@ This flower is may not be your desert flower
    _____@@@@@_______________________@ but it could be a symbol of gift for ur _______@@_________________________@ well writing skill..
    _________@___________@@___________@
    __________@________@@__@@@@@@@
    ___________@_____@@
    ____________@@@@_@
    ____________________@
    ____________________@
    ____________________@
    _____________________@
    ______________________@
    ______________________@____@@@
    ______________@@@@__@__@_____@
    _____________@_______@@@___@@
    ________________@@@____@__@@
    _______________________@
    ______________________@
    _____________________@
    ____________________@

  6. tsering Avatar
    tsering

    མཛེས་མ་ཚེ་སྐྱིད་ལགས་ཐུགས་རྗེ་ཆེ། སྒྲུང་ཡ་མཚན་པ་ཞིག་འདུག། དེ་ལྟ་བུ་མང་ཚམ་ཕབས་སྒྱུར་ཐུབས་ན་ང་ཚོའི་སྐད་ཡིག་ཡ་རྒྱས་དང་དེ་ལ་ཞབས་འདེབས་རེད། ཁྱེད་ལྟ་བུ་མང་ཙམ་ང་ཚོའི་སྤྱི་ཚོགས་ནང་ཡོད་ན་ང་ཚོ་བོད་པའི་ངོ་སོ་མཐོ་གི་རེད།

    1. Tsering kyi Avatar

      བོད་པའི་ངོ་སོ་བསྟོད་མིན་ནི་ངས་མི་ཤེས་ཀྱང་། སྙན་ངག་དང་རྩོམ་རིག་མེད་པའི་ངའི་འཚོ་བ་ལ་སེམས་དང་བསམ་པའི་ལོངས་སྤྱོད་ཅིག་བསྐྲུན་ངེས་ཡིན།

  7. གསལ་ལེ་རྒྱལ། Avatar

    ཞིབ་ལྟ་བྱེད་ཁོམས་མ་བྱུང་ཡང་དཀར་ཆགས་ནང་གི་དབྱིན་ཡིག་དེ་དག་མིག་ལ་མི་བདེ་བ་ཞིག་རེད། ད་ལྟ་བཟོ་བཅོས་འགྲོ་བཞིན་པའི་སྒང་ཡིན་རྒྱུ་རེད། ལེགས་ཉེས་ཀྱི་བསམ་འཆར་ཞིབ་ལྟ་བྱས་རྗེས་བཤད། གང་ལྟར་ཁྱི་གཞིས་གསར་བར་བཀྲིས་བདེ་ལེགས་ཡོད། ཀླུ་སྨྱོན་གྱི་རྗེས་མ་ཆོད་པར་ཕངས།

    1. ཀླུ་སྨྱོན། Avatar
      ཀླུ་སྨྱོན།

      ངའི་རྗེས་ཆོད་ན་ག་རེ་ཡོད་དམ། ངའི་རྗེས་ཆོད་ན་ངའི་ཐུག་ལྷག་མ་གཏོགས་ཡོད་ནི་མ་རེད་ཡ།

    2. Tsering kyi Avatar

      ག་ལེར་ག་ལེར་ཕེབས་ཤོག

  8. ཨ་རིག་འགྱུར་མེད། Avatar

    སློབ་གྲོགས་དང་ལས་གྲོགས། ད་དུང་གྲོགས་མོ། ཁྱེད་ཀྱི་དྲ་ཚིགས་གསར་བ་ལེགས་འགྲུབ་བྱུང་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་བ་དང་མཉམ་དུ། དྲ་ཚིགས་འདི་ནས་ཁྱེད་ཀྱི་ཡིད་དུ་འོང་བའི་རྐང་རྗེས་གང་མང་ལ་མཇལ་ཐུབ་པའི་རེ་བ་ཆེན་པོ་བཅངས་ཡོད།
    འགྲོ་ཞོར་དུ་གོང་གི་འགྱུར་རྩོམ་ལེགས་པོ་འདི་བརྐུས་ནས་སོང་ཡོད། དེ་ཐུགས་ལ་འཇགས་རོགས།

    1. Tsering kyi Avatar

      ཁྱེད་ཀྱིས་ཁྱེར་སོང་ན་དེ་ངས་རྐུས་པར་ངོས་འཛིན་མི་བྱ།

  9. ལྟིར་མྱིག Avatar
    ལྟིར་མྱིག

    གུས་མོས་དྲ་གསར་ཁ་ད་སོ་མ་ཕྱེས་པ་ཡིན།
    གཞིས་ཀ་འདི་ནས་རྣོ་ངར་ཆེ་བའི་རྩོམ་ཡིག་མང་པོ་ཀློག་་ཞེན་ཧ་ཅང་ཆེ།

    1. Tsering kyi Avatar

      ང་ཚོ་ཚང་མའི་རྒོད་སྒྲ་དང་མིག་ཆུ་མཉམ་དུ་འཁྱིལ་སའི་གཞིས་ཁྱིམ་ཡིན

  10. སྐལ་བཟང་། Avatar
    སྐལ་བཟང་།

    དྲ་ཚིགས་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ།

    1. Tsering kyi Avatar

      བཀའ་དྲིན་ཆེ

  11. pema Avatar

    གངས་རིའི་བུ་མོ་ཚོའི་གཙུག་རྒྱན་མ། ཁྱེད་ཀྱི་སྒེར་གཉེར་ཟིན་བྲིས་ལེགས་འགྲུབ་བྱུང་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ།

  12. ཨ་མདོ་མཐར་ཕྱིན། Avatar

    མཛངས་མ་ཚེ་རིང་སྐྱིད་ལགས།་
    ཁྱོད་ཀྱི་བྱ་བ་ལེགས་འགྲུབ་ཡོངས་བ་དང་།
    བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ་པའི་སྨོན་མདུན་དང་བཀྲ་ཤིས་བདེ་ལེགས་ཞུ།

    1. Tsering kyi Avatar

      བཀའ་དྲིན་ཆེ། ཡང་ཡང་དུ་ཕེབས་ཤོག

  13. བློ་གྲོས། Avatar
    བློ་གྲོས།

    སྡོམ་པོ་ཞིག་གིས་ཁྱོད་ཀྱི་ཁྱིམ་གཞིས་འདིར་སྐོར་བ་ཞིག་རྒྱབ་ནས་བུད་སོང་། རྩོམ་ཡིག་ཡིད་དུ་འོང་བ་འདི་སྐོམ་པ་སེལ་བའི་འགྲོན་ཆང་དུ་གྱུར་སོང་།

    1. Tsering kyi Avatar

      ང་ཚོ་ཚང་མ་སྡོམ་པོ་སྡོམ་མོ་ཡིན་མོད། ཕ་གཞིས་ནས་ནོར་ཟད་དེ་སྡོམ་པ་མ་ཡིན་པས་སྡོམ་པོ་སྡོམ་མོ་ཚོས་ཕ་གཞིས་བརྩེ་བས་བཏེགས་ཡོད།

  14. སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ། Avatar

    ཚེ་ཁོ་ཚེ་གཅེས། ཁར་སང་ཁྱེད་ཀྱི་དྲ་རྒྱའི་མིང་ལ་དབྱངས་ཅན་མའི་ཟླ་མཚན་གླིང་ཞེས་བཏག་འདུག མིང་དེ་མཇལ་བས་ཡི་དམ་ལྷ་ལས་དངོས་གྲུབ་ཐོབ་པའི་དག་སྣང་བྱས་ནས་ཐལ་མོ་ཞིག་སྦྱར་ཤོར་སོང་། ཡིན་ན་ཡང་དེ་རིང་མིང་བརྗེས་འདུག་གཱ མིང་འདི་ཡང་ཡག་པོ་འདུག ཨོ་རེད། གློག་བརྙན་དེ་ལ་གཅིག་བལྟ་འདོད་བྱུང་སོང་ཡང་ག་རེ་བྱས་ནས་བལྟ་དགོས་ཤེས་མ་སོང་། དྲ་ཐོག་ནས་རིན་མེད་ཀྱིས་བལྟ་ཐུབ་ཀྱི་མེད་པ་འདྲ། ཁྱེད་ཀྱི་ལང་ཚོ་དང་ཤེས་རབ་ཡར་ངོས་ཟླ་ལྟར་འཕེལ་བར་སྨོན། སྐུ་མགྲོན་གཉིས་པ་ནས་ཕུལ།

    1. Tsering kyi Avatar

      ཡ། སློན་དཔོན་ལགས། ཡིག་འབྲུས་མི་གསོད་པའི་དུས་རབས་འདི་རུ་ངས་ཀྱང་གྱོན་པ་ཕུད་དེ་ལམ་ལ་ཆས་རྒྱུར་ཁག་པོ་འདུག གང་ལྟར་ཁྱེད་ཉིད་ཡང་ཡང་ཕེབས་པའི་རེ་བ་ཡོད

  15. ཀླུ་སྨྱོན། Avatar
    ཀླུ་སྨྱོན།

    སློབ་དཔོན་ཚང་། དྲ་ཚིགས་འདི་ངོ་སྤྲོད་བྱེད་མཁན་ལ་ཁ་ཡག་ཅིག་ཀྱང་མི་བཤད་དམ།

  16. ཟླ་བ་གཞོན་ནུ། Avatar

    དྲ་ཚིགས་གསར་བ་སྒོ་ཕྱེ་བར་རྟེན་འབྲེལ་ཞུ།
    སྨྱུ་གུའི་རྡོག་སྒྲ་ནམ་ཡང་མི་འཇགས་ཤིང་། ངག་རིག་གི་འཆར་ཡན་ལྟ་བུའི་སྒེག་ཉམས་ནམ་ཡང་མི་ཡལ་བར་ཤོག་ཅེས་ཀྱང་ཞོར་དུ་ཞུ་འདོད་སོང་།

  17. བསང་ཆུ་འབྲུག་བྷེ། Avatar

    ནུ་མོ། ཁྱེད་ཀྱི་དྲ་ཚིགས་འདི་འདྲ་བ་ཞིག་སྟ་གོན་ལེགས་གྲུབ་བྱུང་བར་སྙིང་ཐག་པ་ནས་དགའ་བསུ་ཞུ་དང་།སླད་མར་ཞིང་ས་ཆེན་མོ་འདི་བརྒྱུད་ནས་སེམས་ཀྱི་ན་ཟུག་གང་མང་ཞིག་མི་ཡུལ་བཀྲམ་ཐུབ་པའི་ཡིད་ཆེས་ཀྱང་སྙིང་ནས་ཞུའོ།

  18. ཀླུ་སྨྱོན། Avatar
    ཀླུ་སྨྱོན།

    ཁ་ཡག་རིག་གཞུང་འདི་ཡང་ཉམས་སུ་འཇུག་རྒྱུ་ཞིག་ཡིན་ས་མ་རེད།

  19. ཀླུ་སྨྱོན། Avatar
    ཀླུ་སྨྱོན།

    ཀླད་ཀྱི་པར་དེ་ཇི་ལྟར་དམར་རྗེན་ཡིན་ན་དེ་ལྟར་ཚ་བ་འཕར་བ་ཞིག་འདུག་མོད་དེ་རིང་རབ་རིབ་ཅིག་ཏུ་བསྒྱུར་འདུག་པས་ཚོར་བ་ཅང་མེད་ཀི རབ་ཡིན་ན་སྔོན་མའི་དེ་ལྟར་འཇོག་རོགས་ཞུ། དྲ་མིང་ལ་ཟླ་མཚན་བཏགས་ཚར་ནས་ད་གང་ཞིག་ལ་འཛེམ་རྒྱུ་ཡིན། ཨ་སྐྱབས་མགོན། ད་དྲ་ཚིགས་ཀྱི་མིང་ཡང་བརྗེས་འདུག ཞི་མོ་འདིར་ཅིག་བྱུང་དང་ས་རེད། སྤོབས་པ་འདི་ཙམ་ཡང་མི་འདུག ཡང་བྱ་བའི་དགོས་མཁོ་ཡིན་ན་སུན་སྤྱད་དེས་ཡིན་སྲིད། བྱ་བ་ཡིན་ན་དེའི་ངོ་རྫོགས། རང་དབང་ཆུང་ཆུང་དེ་ཚོ་ཡང་དུམ་བུ་ཆུང་ཆུང་བྱས་ནས་འཁྱེར་འགྲོ་གི་རེད།

  20. tenzin dawa Avatar
    tenzin dawa

    aja lak. tashi delek

  21. སྐལ་བཟང་ཟླ་བ། Avatar
    སྐལ་བཟང་ཟླ་བ།

    མཁྱེན་ཡངས་ཚེ་རིང་སྐྱིད་ལགས། ཁམས་བཟང་། དབྱངས་ཅན་མའི་རྣམ་ཤེས་གླིང་ལེགས་གྲུབ་བྱུང་བར་སེམས་གཏིང་ནས་འཚམས་འདྲི་ཞུ། འབྲོག་ཕྲུག་ཞིག་ལ་མཚོན་ན་འབྲི་མོའི་འོ་མ་ཇི་བཞིན་ཞིམ་མངར་ལྡན་པའི་ཁྱེད་ཀྱི་སྙན་རྩོམ་གྱི་དྲོ་བ་མྱོང་ཆེད་དབྱངས་ཅན་མའི་རྣམ་ཤེས་ཀྱི་གླིང་ཁར་ཡང་ཡང་སྤྲོ་འཁྱམས་ལ་ཡོང་ངེས་ཡིན། ཨ་ཧྥེ་རི་ཀའི་སོ་མ་ལིས་ཡའི་འབྲོག་ཁྱིམ་དུ་མི་སྤྱྱྱྱྱྱྱྱྱྱྱྱྱོད་ལས་འདས་པའི་མཚན་བཙེམས་སྲོལ་ངན་དེ་ད་དུང་ལྷག་ཡོད་མེད་ཤེས་སོང་ངམ། ཁྱེད་ནི་གཞན་གྱི་འཆར་འགོད་ལ་དགའ་མོས་མེད་པ་དེ་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་། ཁྱེད་ཀྱི་མཚན་སྙན་ནི་ཧ་ཅང་ཁྱབ་ཆེ་བ་ཡིན། དགའ་མོས་བྱེད་མཁན་ཡང་ཉུང་ཉུང་གཏན་ནས་མིན། དེར་བརྟེན་བོད་ཀྱི་ན་གཞོན་ཚོས་ཁྱེད་ཀྱི་རྩོམ་ཡིག་ཀློག་པར་དགའ་མོས་ཅི་བས་ཆེ། གློག་བརྙན་འདིར་ལྟོས་རྗེས་ཞེས་པ་དེ་བལྟས་རྗེས་དང་། མཚན་མ་བཙེམས་འབྲེག་གི་དམར་ལས་བྱེདརྗེས་ཞེས་པ་དེ་བྱས་ཞེས་འདས་ཚིག་རེ་བེད་སྤྱྱོད་གཏང་ན་ལེགས་པར་སེམས། ལྟོས་ཞེས་པ་དེ་བསྐུལ་ཚིག་རེད། བྱེད་ཞེས་པ་ད་ཚིག་རེད། མ་ཤེས་པ་རེད་ཅེས་བཤད་ཀྱི་མེད། ཁ་སྐད་དང་ལག་ལ་གོམས་པའི་དབང་གིས་འདི་ཡོང་མོས་རེད། རྩོམ་རིག་པ་ཞིག་ལ་མཚོན་ན་དེ་ནི་སྐྱོན་ཞིག་ལོས་ཡིན། རྩོམ་རིག་པ་ནི་སྤྱི་ཚོགས་ཀྱི་ཁ་ལོ་བ་རེད་ཅེས་བརྗོད་ན་ཡང་ཚད་ལས་བརྒལ་མེད། ཁྱེད་ནི་ད་དུང་ཡང་ན་གཞོན་མང་པོས་དགའ་མོས་བྱེད་འོས་སུ་གྱུར་པའི་དྲན་དབང་མ་ཞིག་ཡིན། ངས་ཟླ་བའི་ཚོམ་དང་དུས་ཟིམ་དང་ངོ་དེབ་རྒྱུད་ཁྱེད་ཀྱི་སྙན་རྩོམ་མང་པོ་ཞིག་ལྟ་མྱོང་ཡོད། ཚིག་དེ་གཉིས་བེད་སྤྱོད་གཏོང་སྟངས་དེ་ཞན་ཆ་ཞིག་ཏུ་ངོས་འཛིན་པ་ཡིན། ཁྱེད་རང་སྙན་ངག་དང་རྩོམ་རིག་གི་ཕྱུག་པའི་མི་ཚེ་དེར་བསྐྱར་དུ་འགྲོ་རྒྱུའི་འདུན་པ་དེ་ལ་ངས་ཡི་རངས་དང་བསྔགས་བརྗོད་ཡོད།

  22. སྐལ་བཟང་ཟླ་བ། Avatar
    སྐལ་བཟང་ཟླ་བ།

    མཁྱེན་ཡངས་ཚེ་རིང་སྐྱིད་ལགས། ཁམས་བཟང་། དབྱངས་ཅན་མའི་རྣམ་ཤེས་གླིང་ལེགས་གྲུབ་བྱུང་བར་སེམས་གཏིང་ནས་འཚམས་འདྲི་ཞུ། འབྲོག་ཕྲུག་ཞིག་ལ་མཚོན་ན་འབྲི་མོའི་འོ་མ་ཇི་བཞིན་ཞིམ་མངར་ལྡན་པའི་ཁྱེད་ཀྱི་སྙན་རྩོམ་གྱི་དྲོ་བ་མྱོང་ཆེད་དབྱངས་ཅན་མའི་རྣམ་ཤེས་ཀྱི་གླིང་ཁར་ཡང་ཡང་སྤྲོ་འཁྱམས་ལ་ཡོང་ངེས་ཡིན། ཨ་ཧྥེ་རི་ཀའི་སོ་མ་ལིས་ཡའི་འབྲོག་ཁྱིམ་དུ་མི་སྤྱྱོད་ལས་འདས་པའི་མཚན་བཙེམས་སྲོལ་ངན་དེ་ད་དུང་ལྷག་ཡོད་མེད་ཤེས་སོང་ངམ། ཁྱེད་ནི་གཞན་གྱི་འཆར་འགོད་ལ་དགའ་མོས་མེད་པ་དེ་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་། ཁྱེད་ཀྱི་མཚན་སྙན་ནི་ཧ་ཅང་ཁྱབ་ཆེ་བ་ཡིན། དགའ་མོས་བྱེད་མཁན་ཡང་ཉུང་ཉུང་གཏན་ནས་མིན། དེར་བརྟེན་བོད་ཀྱི་ན་གཞོན་ཚོས་ཁྱེད་ཀྱི་རྩོམ་ཡིག་ཀློག་པར་དགའ་མོས་ཅི་བས་ཆེ། གློག་བརྙན་འདིར་ལྟོས་རྗེས་ཞེས་པ་དེ་བལྟས་རྗེས་དང་། མཚན་མ་བཙེམས་འབྲེག་གི་དམར་ལས་བྱེདརྗེས་ཞེས་པ་དེ་བྱས་ཞེས་འདས་ཚིག་རེ་བེད་སྤྱྱོད་གཏང་ན་ལེགས་པར་སེམས། ལྟོས་ཞེས་པ་དེ་བསྐུལ་ཚིག་རེད། བྱེད་ཞེས་པ་ད་ཚིག་རེད། མ་ཤེས་པ་རེད་ཅེས་བཤད་ཀྱི་མེད། ཁ་སྐད་དང་ལག་ལ་གོམས་པའི་དབང་གིས་འདི་ཡོང་མོས་རེད། རྩོམ་རིག་པ་ཞིག་ལ་མཚོན་ན་དེ་ནི་སྐྱོན་ཞིག་ལོས་ཡིན། རྩོམ་རིག་པ་ནི་སྤྱི་ཚོགས་ཀྱི་ཁ་ལོ་བ་རེད་ཅེས་བརྗོད་ན་ཡང་ཚད་ལས་བརྒལ་མེད། ཁྱེད་ནི་ད་དུང་ཡང་ན་གཞོན་མང་པོས་དགའ་མོས་བྱེད་འོས་སུ་གྱུར་པའི་དྲན་དབང་མ་ཞིག་ཡིན། ངས་ཟླ་བའི་ཚོམ་དང་དུས་ཟིམ་དང་ངོ་དེབ་རྒྱུད་ཁྱེད་ཀྱི་སྙན་རྩོམ་མང་པོ་ཞིག་ལྟ་མྱོང་ཡོད། ཚིག་དེ་གཉིས་བེད་སྤྱོད་གཏོང་སྟངས་དེ་ཞན་ཆ་ཞིག་ཏུ་ངོས་འཛིན་པ་ཡིན། ཁྱེད་རང་སྙན་ངག་དང་རྩོམ་རིག་གི་ཕྱུག་པའི་མི་ཚེ་དེར་བསྐྱར་དུ་འགྲོ་རྒྱུའི་འདུན་པ་དེ་ལ་ངས་ཡི་རངས་དང་བསྔགས་བརྗོད་ཡོད།

  23. སྐལ་བཟང་ཟླ་བ། Avatar
    སྐལ་བཟང་ཟླ་བ།

    མཁྱེན་ཡངས་ཚེ་རིང་སྐྱིད་ལགས། ཁམས་བཟང་། དབྱངས་ཅན་མའི་རྣམ་ཤེས་གླིང་ལེགས་གྲུབ་བྱུང་བར་སེམས་གཏིང་ནས་འཚམས་འདྲི་ཞུ། འབྲོག་ཕྲུག་ཞིག་ལ་མཚོན་ན་འབྲི་མོའི་འོ་མ་ཇི་བཞིན་ཞིམ་མངར་ལྡན་པའི་ཁྱེད་ཀྱི་སྙན་རྩོམ་གྱི་དྲོ་བ་མྱོང་ཆེད་དབྱངས་ཅན་མའི་རྣམ་ཤེས་ཀྱི་གླིང་ཁར་ཡང་ཡང་སྤྲོ་འཁྱམས་ལ་ཡོང་ངེས་ཡིན། ཨ་ཧྥེ་རི་ཀའི་སོ་མ་ལིས་ཡའི་འབྲོག་ཁྱིམ་དུ་མི་སྤྱོད་ལས་འདས་པའི་མཚན་བཙེམས་སྲོལ་ངན་དེ་ད་དུང་ལྷག་ཡོད་མེད་ཤེས་སོང་ངམ། ཁྱེད་ནི་གཞན་གྱི་འཆར་འགོད་ལ་དགའ་མོས་མེད་པ་དེ་ངས་ཤེས་ཀྱི་ཡོད། ཡིན་ན་ཡང་། ཁྱེད་ཀྱི་མཚན་སྙན་ནི་ཧ་ཅང་ཁྱབ་ཆེ་བ་ཡིན། དགའ་མོས་བྱེད་མཁན་ཡང་ཉུང་ཉུང་གཏན་ནས་མིན། དེར་བརྟེན་བོད་ཀྱི་ན་གཞོན་ཚོས་ཁྱེད་ཀྱི་རྩོམ་ཡིག་ཀློག་པར་དགའ་མོས་ཅི་བས་ཆེ། གློག་བརྙན་འདིར་ལྟོས་རྗེས་ཞེས་པ་དེ་བལྟས་རྗེས་དང་། མཚན་མ་བཙེམས་འབྲེག་གི་དམར་ལས་བྱེདརྗེས་ཞེས་པ་དེ་བྱས་ཞེས་འདས་ཚིག་རེ་བེད་སྤྱྱོད་གཏང་ན་ལེགས་པར་སེམས། ལྟོས་ཞེས་པ་དེ་བསྐུལ་ཚིག་རེད། བྱེད་ཞེས་པ་ད་ཚིག་རེད། མ་ཤེས་པ་རེད་ཅེས་བཤད་ཀྱི་མེད། ཁ་སྐད་དང་ལག་ལ་གོམས་པའི་དབང་གིས་འདི་ཡོང་མོས་རེད། རྩོམ་རིག་པ་ཞིག་ལ་མཚོན་ན་དེ་ནི་སྐྱོན་ཞིག་ལོས་ཡིན། རྩོམ་རིག་པ་ནི་སྤྱི་ཚོགས་ཀྱི་ཁ་ལོ་བ་རེད་ཅེས་བརྗོད་ན་ཡང་ཚད་ལས་བརྒལ་མེད། ཁྱེད་ནི་ད་དུང་ཡང་ན་གཞོན་མང་པོས་དགའ་མོས་བྱེད་འོས་སུ་གྱུར་པའི་དྲན་དབང་མ་ཞིག་ཡིན། ངས་ཟླ་བའི་ཚོམ་དང་དུས་ཟིམ་དང་ངོ་དེབ་རྒྱུད་ཁྱེད་ཀྱི་སྙན་རྩོམ་མང་པོ་ཞིག་ལྟ་མྱོང་ཡོད། ཚིག་དེ་གཉིས་བེད་སྤྱོད་གཏོང་སྟངས་དེ་ཞན་ཆ་ཞིག་ཏུ་ངོས་འཛིན་པ་ཡིན། ཁྱེད་རང་སྙན་ངག་དང་རྩོམ་རིག་གི་ཕྱུག་པའི་མི་ཚེ་དེར་བསྐྱར་དུ་འགྲོ་རྒྱུའི་འདུན་པ་དེ་ལ་ངས་ཡི་རངས་དང་བསྔགས་བརྗོད་ཡོད།

  24. སྐལ་བཟང་ཟླ་བ། Avatar
    སྐལ་བཟང་ཟླ་བ།

    མང་པོ་ཞིག་ཤོར་སོང་གསུབ་རོགས།

  25. བཙུན་སྒྲ Avatar

    ཁྱེད་ཀྱི་ཅི་བསམ་གང་འདོད་ལྷུན་གྱི་སྒྲུབ་པའི་སྨོན་འདུན་ཡོད

  26. jokme Avatar
    jokme

    མ་ཞུགས་མ་ཞུགས་དབྱངས་ཅན་མ།
    བདག་གི་མགྲིན་པར་མ་ཞུགས་རོགས།
    ཡིན་གཅིག་མིན་གཉིས་ཞུགས་ཟེརན།
    བདག་གི་རིམ་ལ་ཞུགས་རོགས་མཛོད།

  27. tseten Avatar
    tseten

    acha lak tashi delek

  28. tenzin dhargyal (@tenzindhar) Avatar

    ཚེ་རིང་སྐྱིད་ལགས་ ཐུགས་རྗེ་ཆེ་ གློག་བརྙན་དེ་ངས ངོ་མ་བལྟས་པ་ནང་བཞིན་བྱུང་ བོད་པའི་འབྲོག་ཁྱིམ་བུ་མོ་ཞིག་ལ་ཡང་དེ་འདྲ་བ་བྱུང་སྲིད་པ་ཡིན་ ཁྱེད་ The stoning of Soraya གཟིགས་ཡོད་ན་ གལ་ཏེ་གཟིགས་མེད་ན་དེ་དངོས་བྱུང་གི་གློག་བརྙན་ བུ་མེད་སྐོར་ཡག་པོ་འདུག།།།། ཐུགས་རྗེ་ཆེ་

  29. ཀླུ་སྨྱོན། Avatar
    ཀླུ་སྨྱོན།

    མཛེས་མའི་སྐུ་ཁམས་བདེ་བ་དང་། །གསེར་སྨྱུག་ས་ལ་མི་ལྷུང་ཞིང་། །ཨ་ལུ་སྒོག་ཆུ་བཟའ་རྒྱུ་ཡོད། །སྨོན་ལམ་འདི་ཙམ་དེ་རིང་ཞུ། །

    1. ཀླུ་སྨྱོན། Avatar
      ཀླུ་སྨྱོན།

      བཅོས་སྒྱུར་མེད་པའི་གཤིས་ཀ་དང་། །གསར་རྩོམ་མེད་པའི་དྲ་ཚིགས་གཉིས། །ཁྱེད་ཀྱི་མི་ཚེའི་ཁ་དོག་སྟེ། །འདི་ལ་ཁོ་བོ་སྐྲག་ཅིང་དགའ། །

  30. zachipurwa@yahoo.com Avatar

    ཁྱེད་ཀྱི་སྒེར་གཉེར་དྲ་ཚིགས་དེ་རིང་གཞི་ནས་མཇལ་རྒྱུ་བྱུང་བས་ཁྱེད་ཀྱི་དྲ་ཚིགས་གསར་གཉེར་གྱི་ལས་དོན་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད་་་རྫ་སྐྱེས་ཕུར་བ།

  31. lobsang dorjee Avatar
    lobsang dorjee

    hi, tsering kyi la, nice to read your website

  32. tsornangg Avatar

    མཛངས་མ་ཚེ་རིང་སྐྱིད་ལགས།ཁྱེད་བདེ་མོ་ཡིན་ནམ།དེ་རིང་ཉིད་ཀྱི་ཁྱིམ་གཞི་མཐོང་བ་དང་དགའ་བོ་བྱུང་ལ་རྗེས་མ་ནས་ཁོམ་པ་ཡོད་དུས་ཡང་དང་བསྐྱར་དུ་ཕེབས་ཆོག

  33. tsornangg Avatar

    མཛངས་མ་ཚེ་རིང་སྐྱིད།ཁྱེདརང་གི་ཁྱིམ་གཞི་དེ་རིང་མཐོང་བས་ཧ་ཅང་དགའ་བོ་བྱུང་ལ་མུ་མཐུད་ནས་དགའ་སྐྱོ་ཆགས་སྡང་གི་ཚོར་ཤེས་སོགས་དུས་ལྟར་སྤེལ་རོགས་ཨཱ།

  34. ཕོ་ཉ། Avatar

    དྲ་ཚིག་འདི་འདྲ་ཞིག་བོད་པའི་བུ་མེད་ཞིག་གིས་གཙོ་སྐྱོང་བྱེད་པའི་འདུན་པ་བྱུང་བ་ཡག་པོ་དགའ་བསུ་ཡོད།

  35. Black Snow Avatar
    Black Snow

    གློག་བརྙན་དེ་ངས་ཉིན་ཤས་ཤིག་གི་གོང་ལ་བལྟས་པ་ཡིན། སོ་མ་ལི་ཡའི་བྱེ་ཐང་གི་ར་བ་ལས་དེང་དུས་ཀྱི་སྤྱི་ཚོགས་ཤིག་གི་ནང་ལ་ཇི་ལྟར་བསྐྱོད་སོང་ཨང་། ད་དུང་། ཁོ་མོར་མཚན་ཚོགས་ནས་ཐུག་པའི་མི་རིགས་ནག་པོའི་ཕོ་གསར་དེས་ཁོ་རང་ཨ་ཧྤི་རི་ཁའི་མི་མིན་ནེའུ་ཡོག་ཁར་ཡིན་ཞེས་པ་དེས་གནད་ལུགས་གལ་ཆེན་ཞིག་སྟོན་གྱི་ཡོད་པར་སྣང་།

  36. གླིང་གཅེར་བུ། Avatar
    གླིང་གཅེར་བུ།

    ཨོ་།་རེད་ཅི་ཞིག་དག་གོ་ཟེར་དགོས་ར་མ་ཤེས་ཐལ། མཛངས་མ་ཆེ་སྐྱིད་ཀྱི་རང་ག་བ་ཞིག་མིན་པ་སྔོན་ནས་ཤེས་ཡོད།་རིག་བཟང་མ་མུ་མཐུད་བུད་མེད་ལ་བུད་མེད་རེད་ཟེར་བའི་དམིགས་གསལ་གྱི་ཚིག་དེ་བེད་སྤྱོད་བྱེད་་དུ་མི་འཇུག་རོགས་གནང།

  37. ཁ་བའི་བུ་རྒྱུད Avatar
    ཁ་བའི་བུ་རྒྱུད

    I read this book too, It was in 2008 when I read this book and that time I was in South Inida at the Goa beach. She is such a brave and great example women to the rest of us to inspire in life. I really enjoyed to read this book at that time, but at same time, emotionally it was really sad.

Leave a Reply