བླ་མའི་འཁྲུངས་སྐར་དང་ང།

 

 

 

 

 

 

 

 

My questions.

1.   What are you planning to do on His Holiness’s birthday?

2.   What does His Holiness’s birthday make you feel?

3.   What is the historical significance of His Holiness’s birthday?

My answers

1.  For me, I will go to work in the morning, and in the afternoon I will cook with Tibetans for the homeless people in Washington DC area. This is a program that also gives an opportunity to spread His Holiness’s message of compassion.

2.  As His Holiness gets older, his birthday also makes me feel sad. It makes me concerned because each of his birthdays brings the people of Tibet and the people of world closer to the time of separation from His Holiness. His Holiness’s birthday also reminds me his advices and the responsibilities that I have.

3.  To me, His Holiness’s birthday represents the beginning of revolution, mind-opening and brightness. This day gave us, the Tibetans, a great leader who is also recognized as such by many people in the world.

ངའི་དྲི་བ།

༡  ཁྱེད་ལ་མཚོན་ན། ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་ཅི་ཞིག་བྱ་འདོད་ཡོད།

༢   ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་དེར་ཉིད་ལ་དམིགས་བསལ་གྱི་ཚོར་བ་ཅི་ཞིག ་འདུག

༣  ༧གོང་ས་མཆོག་གི་འཁྲུངས་སྐར་ནི་བོད་ཀྱི་ལོ་རྒྱུས་ལ་མཚོན་ན་རྣམ་པ་གང་འདྲ་ཞིག་ཏུ་ངོས་འཛིན་བྱ་དགོས་སམ།

ངའི་དྲི་ལན།

༡  ང་ལ་མཚོན་ན་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་ཞོགས་པ་ལས་ཀར་འགྲོ་རྒྱུ་དང་ཉིན་གུང་རྗེས་འདི་ཀ་ཝ་ཤིན་ཀྲོན་གྱི་དམིགས་བསལ་ལས་འགུལ་བཞིན་རྒྱལ་སའི་མངའ་ཁུལ་གྱི་ཁྱིམ་གཞིས་མེད་པའི་མི་ལ་ཟ་མ་བཟོ་རུ་འགྲོ་རྒྱུ་ཡིན་ལ། འདི་ནི་༧གོང་ས་མཆོག་གི་བྱམས་སྙིང་རྗེ་ཡི་བཀའ་སློབ་རྒྱུན་ཤེས་ཁྱབ་བརྡལ་གཏོང་བའི་ལས་གཞི་ཞིག་ཀྱང་ཡིན།

༢   ༧གོང་ས་མཆོག་གི་དགུང་ལོ་མཐོ་རུ་སླེབས་བཞིན་པ་དང་མཉམ་དུ་ང་ལ་གདུང་སེམས་ཞིག་ཀྱང་སྐྱེས་ཀྱིན་འདུག་ལ། ལོ་རེའི་འཁྲུངས་སྐར་ཉིན་མོ་༧གོང་ས་མཆོག་སྟེ་འདི་ལྟ་བུའི་མཛད་པ་འོད་དུ་སྦྲུམ་པའི་སྐྱེས་བུ་ཞིག་བོད་མི་ཚོ་གཙོས་པའི་འཛམ་གླིང་མི་མང་དང་ཁ་བྲལ་བར་ཐག་ཇེ་ཉེ་ཡིན་པའི་བློ་འབཚབ་ཀྱང་འདུག  དེ་དང་མཉམ་དུ་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོར་༧གོང་ས་མཆོག་གི་བཀའ་སློབ་དང་འབྲེལ་བའི་རང་གི་འགན་འཁྲི་ཞིག་ཀྱང་ཚོར་གྱིན་ཡོད།

༣ ༧གོང་ས་མཆོག་གི་འཁྲུངས་སྐར་ནི་བོད་ཀྱི་ལོ་རྒྱུས་ཁྲོད་དུ་གསར་བརྗེ་དང་།  བློ་འབྱེད། འོད་སྣང་སོགས་སླེབས་མགོ་བཙུགས་པའི་ཉིན་ཞིག་ཡིན་ལ།ཉིན་མོ་འདི་བོད་ཀྱི་ལོ་རྒྱུས་སུ་བྱུང་བ་ལ་བརྟེན་ནས། བོད་མི་རིགས་ཀྱི་ཁྲོད་དུ་འཛམ་གླིང་མི་མང་གིས་ངོས་ལེན་བྱེད་བཞིན་པ་དང་བྱ་འོས་པའི་སྐྱེས་བུ་རླབས་ཆེན་ཞིག་བྱུང་ཡོད་པར་ངོས་འཛིན་བྱེད་ཀྱིན་ཡོད།

4 responses to “བླ་མའི་འཁྲུངས་སྐར་དང་ང།”

  1. Julie Kelly Avatar

    Dear Tseringkyi
    I will answer your questions with honesty and respect
    .1- On his Holiness’s birthday I will be in meditation and prayer. As a Buddhist, meditation plays a big part in my life and I will be focusing on compassion which at the moment is I believe the most important thing for world peace and something which His Holiness promotes tirelessly.
    2- His Holiness’s birthday holds 2 significant feelings for me, the first being great joy in the celebration of the birthday. All the beautiful Tibetan music and dancing to celebrate this amazing day fills me with joy but at the same time I feel sadness because HH is getting older and for the Tibetan people this is hard. I cannot imagine a life without His Holiness in it as I recognize him, and also the worry of what will happen to the Tibetan people after His Holiness passes.
    3- For me the historical significance of His Holiness’s birthday is a reminder of the continuation of life and of karma. It helps me realize that we do not die we just enter another life . Thinking about this makes me wonder what will the next lives of the Chinese government be like? maybe they should be quite worried about their actions.

    1. Tsering kyi Avatar

      thanks

  2. ཀླུ་སྨྱོན། Avatar
    ཀླུ་སྨྱོན།

    ཨང་གྲངས་གཉིས་པ་དེ་ནི་ང་ལ་ཡང་ཡོད་པའི་ཚོར་སྣང་འཇིགས་པོ་ཞིག་རེད། སྐབས་རེར་ངས་གོང་ས་མཆོག་སྐུ་མི་བཞུགས་པའི་གསར་འགྱུར་ཞིག་ལ་བརྙན་འཕྲིན་སོགས་ལས་བལྟ་བཟོད་དམ་སྙན་ནས་འདུག་མི་བཟོད་པའི་ཚོར་བ་འཇིགས་པོ་ཞིག་རྟག་པར་འདུག ལན་རེར་སངས་རྒྱས་བཅོམ་ལྡན་འདས་སྐུ་འདའ་བར་ཉེ་སྐབས་ཁོང་གི་ཉན་ཐོས་ཆེན་པོ་མང་པོས་ཁོང་སྐུ་འདའ་བར་ལྟ་མི་བཟོད་དོ་ཞེས་རང་རང་ས་ནས་སྐུ་གྲོངས་པ་བཞིན་དུ་ང་ལྟ་བུ་ཡང་གོང་ས་མཆོག་གི་སྔོན་དུ་ཤི་སོང་ན་ཡང་འདོད།

  3. tsornangg Avatar

    དགའ་སྟོན་ལ་བཀྲིས་བདེ་ལེགས་ཞུ།

    བཀྲ་ཤིས་འོད་སྟོང་སྐུ་ཡི་གཟི་དཔལ་གངས་རིའི་ལྗོངས་ནས་འཚར་ཏེ་ཞི་བདེ་གླིང་འདིར་བསྟན།།
    བཀྲ་ཤིས་དགེ་བཅུ་གསུང་གི་བདུད་རྩི་ཟེགས་མ་ཕྱོགས་རིས་མེད་པར་ཐམས་ཅད་རྗེས་སུ་འཛིན།།
    བཀྲ་ཤིས་རྫོགས་ལྡན་ཐུགས་ཀྱི་འོ་མཚོ་ཤར་ནུབ་ཀུན་ཏུ་ཁྱབ་ཏེ་ཤེས་རྟོགས་ཆེ་ཆེར་རྒྱ།།
    བཀྲ་ཤིས་རྟག་བརྟན་ཚེ་འདིར་མི་ནུབ་ཁམས་གསུམ་བདེ་སྡུག་དྲི་མེད་ཡང་དག་སེམས་ན་མཚོ།།

    དེ་རིང་མི་ཡི་གཟུགས་སུ་སྤྲུལ་ནས་གླིང་འདིར་བལྟམས་པའི་བཀྲ་ཤིས་རྫོགས་ལྡན་ཉིན་མོ་འདིར།།

    ཤར་ནུབ་ཀུན་ན་དགའ་བའི་ཐལ་མོ་རྡེབ་བཞིན་ཡིག་རིགས་འདྲ་མིན་སྣ་ཚོགས་ཁྲོད་ན་འཕྱུར།།
    འདི་ནི་བོད་མིའི་སྐྱབས་གཅིག༸བསྟན་འཛིན་རྒྱ་མཚོ་ས་ཆེན་མཁའ་ལ་འཕག་ཚུལ་ཡིན་པས་སྤྲོ།།

Leave a Reply